གཏོང་ལེན་དང་དམ་པའི་སྙིང་རྗེ་ནི་ཆོས་ལུགས་ཐམས་ཅད་ལས་འདས་པ།


ཡེ་ཤུའི་ཆོས་ཀྱི་གཞུང་ལས། བུད་མེད་ཅིག་ལོ་བཅུ་གཉིས་ཀྱི་རིང་ཟླ་མཚན་གྱི་ཁྲག་འབབ་པའི་ནད་ལ་ཐུག་སྟེ་མ་ཕན་པའི་སྐོར་བཤད་ཡོད། མི་རྣམས་ཀྱིས་མོ་ལ་ཟླ་མཚན་གྱི་ཁྲག་གི་རྐྱེན་གྱིས་“མ་དག་པ”ཞེས་བརྩི་ནས་བཏང་སྙོམས་དང་སྤང་བ་བྱས། སྐབས་ཤིག་ལ་མོས་ནད་ཕན་པའི་རེ་བ་མེད་པར་གྱུར་པས། ཡེ་ཤུ་འགྲོ་དགོས་པའི་ལམ་དུ་སོང་སྟེ། མདུན་དུ་སྐད་ཆ་ཤོད་མི་ཐུབ་པས་མི་ཚོགས་ནང་དུ་ལྷུང་ནས་ཁོང་གི་གོས་ལ་རེག་པ་དང་། ཡེ་ཤུའི་སྐུ་ཕོད་ཀྱི་མཐའ་མ་ལ་རེག་པས་སྐུ་ཕོད་དམར་པོར་གྱུར་ནས་ཡེ་ཤུས་ཕྱིར་བལྟས་ནས། “སུ་ཞིག་གིས་ང་ལ་རེག་པ་རེད་སུ་ཡིན་ནམ།” ཞེས་གསུངས།


མོ་དེ་ཡིན་པ་མཁྱེན་པའི་རྗེས། “ང་ལ་རེག་མཁན་དེ་ད་ལྟ་ནད་སྡུག་ཐམས་ཅད་ལས་གྲོལ་སོང་།” ཞེས་གསུངས་པ་དང་། ངོ་མར་ཡེ་ཤུའི་གོས་དམར་པོར་གྱུར་པའི་སྐད་ཅིག་དེར་མོ་ནད་ཕན་སོང་། འདི་ནི་“Fonte Avellana”ཞེས་པའི་ཡེ་ཤུའི་ཆོས་ཀྱི་དགོན་པར་ཡོད་པའི་རི་མོ་དེས་གཏམ་རྒྱུད་འདི་སྟོན་པ་ཡིན། ང་ལ་འདི་ནི་གཏོང་ལེན་གྱི་མཐུ་ཅན་གྱི་གཟུགས་བརྙན་ཞིག་ཡིན་ནོ།


Fonte Avellana་དགོན་པ། (དམ་པའི་རྒྱ་གྲམ་གྱི་རི་ཁྲོད།)


ཕོན་ཏེ་ཨ་ཝེལ་ལ་ན་དགོན་པ་ནི་ཨི་ཏ་ལི་ཡའི་མར་ཁེ་ས་ཁུལ་གྱི་རི་རྒྱུད་ལ་ཡོད་ལ། མོན་ཏེ་ཀ་ཏྲི་ཡ་རི་ཉེ་འགྲམ་ན་གནས་ཡོད། དགོན་པ་འདི་ཕྱི་ལོ་༩༨༠ ཙམ་ལ་ཁྲིསྟོའི་ཆོས་པ་དབེན་པ་པའི་ཚོགས་ཆུང་ངུ་ཞིག་གིས་འགོ་འཛུགས་གནང་བ་ཡིན། ཁོང་ཚོས་དབེན་གནས་སུ་གནས་ནས་གསོལ་བ་དང་བསམ་གཏན་བྱེད་འདོད་པ་ཡིན། དུས་ཡུན་རིང་པོར་ས་གནས་འདི་ཆེར་གྱུར་ནས་རིག་གནས་དང་ཆོས་ཀྱི་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར། དེར་མི་རྣམས་སློབ་སྦྱོང་དང་གསོལ་བ་དང་བསམ་བློ་གཏོང་བར་ཕེབས་ཀྱི་ཡོད། དེང་སང་ད་དུང་ལས་འགུལ་བྱེད་བཞིན་ཡོད་ལ། ཞི་བདེའི་ཁོར་ཡུག་ཏུ་བསམ་གཏན་དང་སློབ་སྦྱོང་བྱེད་འདོད་མཁན་རྣམས་ལ་གནས་སྤྲོད་བྱེད་ཀྱི་ཡོད།


འབྱུང་ཁུངས་ལ་གཞིགས་ན། དན་ཏེ་ཨ་ལི་གྷེ་རི་(Dante Alighieri)ནི་བླ་མ་ཙོང་ཁ་པ་ཆེན་པོའི་དུས་མཉམ་པ་ཙམ་དཔེ་ཉེ་པོར་དུས་ལ་ཞིག་ཡིན་ལ། “ལྷའི་སྙན་ངག་”(Divina Commedia)གྱི་རྩོམ་པ་པོ་ཡིན། དེ་ནི་ལམ་རིམ་ལྟར་ཁྲིསྟོའི་ལྟ་བ་ནས་དམྱལ་བའི་ཁམས་དང་གོང་མའི་ཁམས་རྣམས་བཤད་པའི་ཐབས་ལམ་སྒོ་ཞིག་ཡོད། ཕྱི་ལོ་༡༣༡༨ ཙམ་ལ་ཁོང་གུབ་བི་ཨོ་(Gubbio)རུ་བཙོན་བཏང་བའི་སྐབས་དགོན་པ་འདིར་མགྲོན་པོར་ཕེབས་ཡོད་པ་དང་། “ལྷའི་སྙན་ངག་“ནང་དུ་དགོན་པ་འདིར་བསྟོད་བསྔགས་གནང་ཡོད།


ལྷའི་སྙན་ངག་ནང་གི་དན་ཏེའི་ཚིག་དོན།


མཐོ་རིས་ཀྱི་ལེའུ་༢༡ པའི་ནང་དུ་དན་ཏེས་མོན་ཏེ་ཀ་ཏྲི་ཡ་དང་འབྲེལ་བའི་རི་ཁྲོད་དང་ས་ཡུལ་གྱི་སྐོར་འདི་ལྟར་བཤད་པ་རེད།

“ཨི་ཏ་ལིའི་མཐའ་གཉིས་བར་ནས་བྲག་རི་འཕགས།

ཁྱོད་ཀྱི་ཕ་ཡུལ་ལས་ཐག་རིང་པོ་མིན།

དེར་འབྲུག་སྒྲ་ཧ་ཅང་དམའ་བར་སྒྲོག

དེས་སྐེད་ཞིག་བཟོས་ལ་དེར་ཀ་ཏྲི་ཡ་ཞེས་བརྗོད།

དེའི་འོག་ཏུ་རི་ཁྲོད་བྱིན་རླབས་ཅན་ཞིག་ཡོད།

དེར་མཆོད་པ་གཅིག་པུ་ལ་དམིགས་པ་ཡིན།”


ཞེས་པའི་ཚིག་རྐང་འདི་དག་གིས་ས་ཡུལ་དང་ཆོས་ཀྱི་ངོས་ནས་ས་གནས་འདི་དན་ཏེའི་མཐོ་རིས་ཀྱི་སྙན་ངག་གི་མཐོང་སྣང་དང་འབྲེལ་བ་མཛད་ཡོད་ལ། སྙན་ངག་པ་དང་ཕོན་ཏེ་ཨ་ཝེལ་ལ་ན་དགོན་པའི་འབྲེལ་བའི་དཔང་རྟགས་གལ་ཆེན་ཞིག་ཡིན།


དན་ཏེ་ཨ་ལི་གྷེ་རི། (Dante Alighieri) – ལོ་རྒྱུས་མདོར་བསྡུས།

• སྐྱེས་འདས། དན་ཏེ་ཨ་ལི་གྷེ་རི་ནི་ཕི་རེན་ཛེ་(Firenze)རུ་ཕྱི་ལོ་༡༢༦༥ ཙམ་ལ་འཁྲུངས་ལ། ར་ཝེན་ན་(Ravenna)རུ་ཕྱི་ལོ་༡༣༢༡ ཟླ་༩ ཚེས་༡༣/༡༤ ལ་མྱ་ངན་ལས་འདས།

• བྱེད་སྒོ། ཁོང་ནི་སྙན་ངག་པ་དང་རྩོམ་པ་པོ་དང་རྩོམ་རིག་གི་ལྟ་གྲུབ་པ་དང་ཆབ་སྲིད་ཀྱི་བསམ་ཚུལ་བ་ཞིག་ཡིན། ཁོང་ནི་འཛམ་གླིང་གི་རྩོམ་རིག་གི་རྩོམ་པ་པོ་ཆེ་ཤོས་ཀྱི་ཁྲོད་ནས་གཅིག་ཏུ་འཇོག་གི་ཡོད།

• སྐབས་དོན། ཁོང་ནི་ཕི་རེན་ཛེའི་སྲིད་དམངས་ཆུང་ངུའི་ནང་ནས་ཡིན་ལ། གྲོང་ཁྱེར་གྱི་ཆབ་སྲིད་ལ་ཞུགས་ཀྱང་ཕྱི་ལོ་༡༣༠༢ ལ་སྲིད་དོན་སྡེ་ཚན་དབར་གྱི་འཐབ་རྩོད་ཀྱི་རྐྱེན་གྱིས་བཙོན་བཏང་བཏང་། བཙོན་བཏང་བའི་རྗེས་སུ་ཁོང་གིས་རང་ཉིད་ཀྱི་སྐྱེས་ཡུལ་གྲོང་ཁྱེར་དུ་ཕྱིར་ལོག་མ་བྱུང་།

“ཁྱེད་རྣམས་དུད་འགྲོ་བཞིན་དུ་འཚོ་བཟོས་མིན། དགེ་དང་ཤེས་རབ་རྗེས་སུ་འབྲང་བཟོས་ཡིན།”
— དན་ཏེ་ཨ་ལི་གྷེ་རི། དམྱལ་བའི་ལེའུ་༢༦


ལྷའི་སྙན་ངག་ (La Divina Commedia)


དན་ཏེའི་རྩོམ་ཆེན་ནི་དཔའ་རྟོམ་དང་དཔེ་མཚོན་གྱི་སྙན་ངག་“ལྷའི་སྙན་ངག་“ཡིན་ལ། འཛམ་གླིང་གི་རྩོམ་རིག་གི་ལེགས་བཤད་ཆེན་པོའི་ཁྲོད་ནས་གཅིག་ཏུ་འཇོག་གི་ཡོད། རྩོམ་པ་པོའི་དང་པོའི་མཚན་ནི་སྙན་ངག་(Commedia)ཞེས་པ་ཙམ་ཡིན། ལྷའི་(Divina)ཞེས་པའི་མཚན་གྱི་ཆ་འདི་ཕྱིས་སུ་བཏགས་པ་ཡིན། རྩོམ་ཡིག་འདི་ལེའུ་གསུམ་ལས་གྲུབ་སྟེ། དམྱལ་བ་དང་སྦྱངས་གནས་དང་མཐོ་རིས་ཡིན། འདིས་ཁམས་གསུམ་དང་འདྲ་ཡི་ནང་དུ་འགྲོ་བའི་རྣམ་རྟོག་གི་འགྲུལ་བཞུད་ཅིག་བཤད་ལ། ཚུལ་ཁྲིམས་དང་ཆོས་ལུགས་ཀྱི་དོན་གཏིང་ཟབ་མོ་ཡོད།

• རྩོམ་པའི་དུས་ཚོད། ཕྱི་ལོ་༡༣༠༤ དང་༡༣༠༧ བར་བཙོན་བཏང་བའི་སྐབས་དང་པོ་འགོ་འཛུགས་གནང་ནས། ཁོང་མྱ་ངན་ལས་འདས་པའི་བར་དུ་ཕྱི་ལོ་༡༣༢༡ བར་མུ་མཐུད་གནང་བ་ཡིན།

• བཀོད་པ། རྩོམ་ཡིག་འདི་ཕི་རེན་ཛེའི་སྐད་ཡིག་ཐ་སྙད་ཀྱིས་གསུམ་སྦྲེལ་གྱི་ཚིག་རྐང་དུ་བྲིས་ཡོད་ལ། ཨི་ཏ་ལི་ཡའི་སྐད་ཡིག་བཟོ་བའི་ནང་དུ་ཤུགས་རྐྱེན་ཆེན་པོ་བཏང་ཡོད།

བཙུན་མ་བློ་བཟང་ཀུན་བཟང་ལས་ཡི་ཏ་ལི་ལ་ཕྱི་ལོ་༢༠༢༦་ཟླ་བ་༡་ཚེ་༤།

Leave a comment