ཨེ་བ་ར་ཧམ་ཌེ་མོའི་ཝར། (Abraham de Moivre) རང་གི་འཆི་བ་སྔོན་བརྗོད་བྱས་པའི་རྩིས་རིག་པ།

ཨེ་བ་ར་ཧམ་ཌེ་མོའི་ཝར། (Abraham de Moivre) (༡༦༦༧–༡༧༥༤) ནི་སྔ་རབས་ཀྱི་ཕ་རན་སིའི་རྩིས་རིག་པ་ཞིག་ཡིན་ལ། ཁོང་ནི་འབྱུང་ཚད་ཀྱི་སྐོར་གྱི་ལས་རིགས་དང་། ད་ལྟ་ཁོང་གི་མིང་དང་མཉམ་དུ་གྲགས་པའི་རྩིས་ཐབས་དེའི་ཆེད་དུ་གྲགས་ཅན་དུ་གྱུར་པ་ཞིག་ཡིན།

ཡི་ཤུ་པའི་ཆོས་ལུགས་ཀྱི་གཉན་འཚེའི་རྐྱེན་གྱིས། ཁོང་གིས་ཕ་རན་སི་ལས་ཐོན་ནས་ཚེ་སྲོག་གི་དུས་ཚོད་གཞན་ཆ་ཚང་དབྱིན་ཡུལ་དུ་བཞུགས་ཤིང་། དེར་ཁོང་གིས་སློབ་སྦྱོང་དང་རང་གི་བསམ་བློའི་གོ་རིམ་འཕེལ་རྒྱས་གཏོང་བ་མུ་མཐུད་མཛད་ནས།

རྒན་རབས་སུ་ཕྱིན་པའི་སྐབས། ཌེ་མོའི་ཝར་ (De Moivre) ལགས་ཀྱིས་མཚན་རེ་བཞིན་ཁོང་གི་གཉིད་རེ་རེ་བཞིན་སྔོན་མའི་མཚན་ལས་སྐར་མ་༡༥ རིང་བ་གཉིད་ལོག་གི་ཡོད་པ་མཐོང་བྱུང་། རྩིས་རིག་གི་བློ་ཡིས། ཁོང་གིས་གཉིད་ཀྱི་དུས་ཚོད་ཆུ་ཚོད་༢༤ ལ་ཐུག་པའི་ཉིན་ཚེས་ངེས་ཅན་དེ་རྩིས་བཏོན། དེ་ནས་ཉིན་དེ་ཉིད་དུ། ཁོང་གིས་སྔོན་བརྗོད་བྱས་པ་ལྟར་ཁོང་གི་འཆི་བ་བྱུང་གྲུབ་སོང་།

ང་གིས་དེ་ལྟར་བསམས་བློ་བཏང་བ་ཡིན་ཏེ། ངས་མཐོང་བ་ལྟར་ཌེ་མོའི་ཝར་ (De Moivre) གྱི་རྩིས་རིག་པ་ཞིག་གི་ཉམས་མྱོང་དང་། གཞན་ཡང་རྩིས་རིག་པ་གཞན་དག་གི་ནང་དུའང་མཚུངས་པའི་དཔེ་མཚོན་ཡོད་པ་དེས། ཤེས་རབ་ཀྱི་ནུས་པ་ཁྱད་པར་ཅན་ཞིག་གི་འཕེལ་རྒྱས་སྟོན་གྱི་ཡོད། ཡང་ན་ལེགས་པར་བརྗོད་ན། རྩིས་རིག་གི་རྩིས་བཏོན་པ་དང་འབྱུང་ཚད་ཀྱི་རིགས་པ་བེད་སྤྱོད་བྱས་ན། གང་བྱུང་བའི་ལས་བྱུང་ཞིབ་བརྟག་བྱེད་ཆོག་ལ། གྲངས་ཀའི་ཐོག་ནས་མ་འོངས་པར་ཅི་བྱུང་ཐུབ་པ་ཡིན་པའི་ཐད་ལ་གོ་རྟོགས་བྱེད་ཐུབ། 

དེ་བཞིན་དུ། ལས་བྱུང་ངེས་ཅན་ཁག་གིས་ང་ཚོར་སླར་རིམ་ལྟར་འགྲོ་ཐུབ་ཅིང་འདས་པར་ཅི་བྱུང་བ་གོ་རྟོགས་བྱེད་ཐུབ། འདི་འདྲའི་རྩིས་རིག་གི་རྣམ་རྟོག་གི་ནུས་པ་དེས། འདས་པ་དང་མ་འོངས་པའི་ལས་བྱུང་སྔོན་དུ་མཁྱེན་པའི་མངོན་ཤེས་འཕེལ་རྒྱས་གཏོང་བའི་རྟེན་དུ་འགྱུར་ཐུབ་བམ། ང་གིས་བསམས་ན་འདི་ནི་ལས་བྱུང་ལ་བརྟེན་པའི་རྩིས་རིག་གི་ཐབས་ལམ་ཞིག་ཡིན་ལ། གལ་ཏེ་ཏིང་ངེ་འཛིན་གྱི་རྩ་བའི་སྦྱོང་བརྡར་དང་མཉམ་དུ་སྦྱར་ན། དེ་ནི་འདས་པ་དང་མ་འོངས་པའི་གནས་ཚུལ་མཐོང་བའི་མངོན་ཤེས་ཐོབ་པར་བྱེད་པའི་རྒྱུ་ཁྱད་པར་ཅན་དུ་འགྱུར་ངམ།

ང་གིས་མཁས་པ་ཁྱེད་རྣམས་ལ་རྩིས་རིག་པ་ངེས་ཅན་གྱི་རྣམ་ཐར་ཀློག་དགོས་པའི་སྐུལ་མ་ཞུ་འདོད། ཧ་ཅང་དོན་ཆེན་པོ་རེད།

རྡ་ས་ལ་ཕྱི་ལོ་༢༠༢༥་ཟླ་བ་༡༡་ཚེ་༩།

Leave a comment