སྔ་རབས་ཨ་ལེག་སན་པྲའི་ཧཱི་པེ་ཊི་ཡ།[Hypatia]་དང་་མཆོད་རྟེན་མ་ཀ་ཐི་རིན[Saint Catherine of Alexandria]།
མཚམས་ཀྱི་བར་ཆད་ཀྱི་རྒྱབ་ལྗོངས་སུ་མི་རིགས་ལ་བལྟ་མཁན་ཡོད་མོད། འན་ཀྱང་ བརྒྱུད་རིམ་གྱི་རིག་གནས་རྙིང་པ་ཚང་མ་ཕན་ཚུན་འབྲེལ་བ་དང་འཁྲིལ་བ་ཞིག་ཡིན། དེ་ནས་སོང་ཙང་འདི་ལ་ངའི་དམིགས་ཡུལ་ནི་འབྲེལ་བ་ཕྲ་མོ་འདི་མངོན་དུ་བྱེད་ཅིང་རྟོགས་པར་བྱེད་པ། ང་ལ་འོས་པ་མེད་ཀྱང་། ཐུགས་རྗེའི་སངས་རྒྱས་ཀྱི་དགོས་པ་ནི་སེམས་ཅན་རིགས་ཀུན་ལ་ཕན་པར་བྱེད་པ་ཡིན་པར་བསམ་པས། ངའི་བསམ་པ་དང་སྨོན་ལམ་འདི་ཁོང་ལ་འགྲོ་བ་ཡིན།
བྱས་ཙང་ནི།

ང་རང་ནང་པ་ཡིན་རུང་མོད། འོན་ཀྱང་ངས་ཁོ་མོ་གཉིས་ལ་འབྲེལ་བ་ཡོད་པ་ཚོར་བའི་སྟོས་པ་ཅན་ཡིན་པས་འདི་ལ་ངོ་སྤྲོད་བྱེད་འདོད་ཡོད། འདི་གཉིས་ནི་ངས་ལས་ཀའི་ནང་གི་ཤེས་རབ་ཀྱི་སྤྲུལ་པ་བཞིན་དུ་ཚོར་ཐུབ་པའི་མི་གཉིས་ཡིན།
མཆོད་རྟེན་མ་ཀ་ཐི་རིན་[Saint Catherine]་ནི།
- སྐྱེ་བ། ཡེ་ཤུ་སྐུ་འཁྲུངས་ནས་ལོ་ ༢༨༧ ཙམ།
- འཆི་བ། ཡེ་ཤུ་སྐུ་འཁྲུངས་ནས་ལོ་ ༣༠༥ ཙམ།
ཧཱི་པེ་ཊི་ཡ[Hypatia]་ནི།
- སྐྱེ་བ། ཡེ་ཤུ་སྐུ་འཁྲུངས་ནས་ལོ་ ༣༦༠–༣༧༠ ཙམ།
- འཆི་བ། ཡེ་ཤུ་སྐུ་འཁྲུངས་ནས་ལོ་ ༤༡༥།
དང་པོ་ནི་ཨེ་ལེག་སན་པྲའི་མཆོད་རྟེན་མ་ཀ་ཐི་རིན་[Catherine of Alexandria] སུ་ཡིན་ནམ།

དང་པོ་ནི་ཨེ་ལེག་སན་པྲའི་མཆོད་རྟེན་མ་ཀ་ཐི་རིན་[Catherine of Alexandria] སུ་ཡིན་ནམ།
མོ་ནི་ཡེ་ཤུའི་ཆོས་ལུགས་ཀྱི་རྒྱུད་ལུགས་ནང་མཁས་པ་རྣམས་ཀྱི་སྲུང་མ་ཡིན་པར་བརྩིས། ཁྱད་པར་དུ་མོ་ནི་ལྟ་གྲུབ་པ། རྩོམ་རིག་པ། སློབ་གྲྭ། འཁོར་ལོ་བཟོ་མཁན། སྲིད་པ་འཐག་མཁན། དང་ལག་རྩལ་བ་རྣམས་ཀྱི་སྲུང་ལྷ་ཡིན་པར་ངོས་འཛིན་གྱི་ཡོད། མོའི་དུས་ཆེན་ནི་ཟླ་བ་བཅུ་གཅིག་པའི་ཚེས་ཉི་ཤུ་རྟ་ལྔ་ཡིན་ལ། མོ་ནི་དེབ། རྒྱལ་མཚན། དང་འཁོར་ལོ་བཅས་ཀྱིས་མཚོན་གྱི་ཡོད་དེ། འདི་དག་ནི་ཤེས་ཡོན། རྒྱལ་པོའི་གོ་གནས། དང་མོའི་འཆི་བའི་ལས་ནས་རྫུ་འཕྲུལ་གྱིས་ཐར་བ་བཅས་ལ་མཚོན། སྐབས་རེ་མོ་ནི་རལ་གྲིས་ཀྱང་མཚོན་གྱི་ཡོད་དེ། འདི་ནི་ལྷའི་འཆམ་པ་དང་བདེན་པ་དང་བློ་གྲོས་ཀྱི་སྟོབས་ལ་མཚོན།
གྲུབ་ཐབས་ལྟར་ན། མོ་ནི་འབྲོག་པོའི་རིགས་ནས་སྐྱེས་པའི་ཤེས་ཡོན་ཆེ་བའི་གཞོན་ནུ་མ། ཡང་ན་རྒྱལ་མོ་ཞིག་ཡིན། ཨེ་ལེག་ས་ཎྜྲ། [Alexandria] དུ་རྒྱལ་རིགས་ལ་སྐྱེས་པའི་་ཀ་ཐི་རིན [Catherine] ནི་ལོ་བདུན་ནས་སློབ་སྦྱོང་འཛུགས་ཏེ། དེ་ནས་ཁྱིམ་དུ་སློབ་སྦྱོང་བྱས་པ་ཡིན། མོའི་ཤེས་རབ་ཆེ་བས་མོའི་དགེ་བཤེས་རྣམས་ཀྱང་མོའི་སློབ་མ་ཆགས་སོང་། མི་ཚེ་ཁོ་མོ་ལ་བག་མ་ལེན་དགོས་ཞེས་ཡིན་ཡང་། ཀ་ཐི་རན [Catherine] གིས་ཚངས་པར་གནས་པ་ཐག་བཅད།
མོས་ མེག་སེན་ཊི་ཡུས[Maxentius] རྒྱལ་པོའི་འོག་ཏུ་ཡེ་ཤུ་པ་རྣམས་ལ་གཙེ་བྱེད་པ་ལ་ཞུགས་དང་། བཙོན་ནང་ལ་ཡོད་པའི་སྐབས་རྒྱལ་པོའི་ཆུང་མ་དང་དམག་མི་དུ་མ་ལ་ཡེ་ཤུའི་ཆོས་ལུགས་ལ་དད་པ་བསྐྱེད། མེག་སེན་ཊི་ཡུས[Maxentius] གིས་མོ་ལ་ངོ་རྒོལ་བྱེད་པར་བཀུག་པའི་མཁས་པ་ཚད་ལྡན་རྣམས་ཀྱང་མོས་རྒྱལ། མོའི་མཛེས་སྡུག་ལ་ [Roman] གི་རྒྱལ་པོས་བག་མ་ལེན་དགོས་ཞེས་ཞུས་ཀྱང་མོས་ཚངས་པར་གནས་པའི་སྡོམ་པ་ལེན་ཟིན་པས་མི་འདོད་བྱས།
རྒྱལ་པོ་ མེག་སི་མིན་ཌཱ་ཡ་[Maximin Daia] གིས་མོའི་མཛེས་སྡུག་ལ་ཡིད་ཆེས་ཏེ་ལོ་བཅུ་བདུན་མའི་བུད་མེད་འདི་ལ་སླུ་བ་བཏང་ཡང་། དེང་སང་མོའི་ཚངས་པར་གནས་པའི་སྡོམ་པ་ལ་བརྟེན་པའི་ཆོས་དད་ལ་རྒྱལ་ཐུབ་མ་བྱུང་། ཁོས་ཕྱི་རོལ་པའི་ལྟ་གྲུབ་པ་ལྔ་བཅུ་བཀུག་ནས་ ཀ་ཐི་རན [Catherine] དང་རྩོད་པ་བྱས་ནའང་། དེ་ཚང་མ་མོས་ཡེ་ཤུའི་ཆོས་ལུགས་ལ་དད་པ་བསྐྱེད། མེག་སི་མིན་ཌཱ་ཡ[Maximin Daia] གིས་དེ་ཚོ་གསོད་ཅིང་ ཀ་ཐི་རན [Catherine] ལ་ལྕག་བརྒྱབ་ནས་བཙོན་འཇུག་བྱས།

ཀ་ཐི་རན[Catherine] ལ་འཁོར་ལོ་ལ་བཅད་ནས་གསོད་པའི་ཐག་གཅོད་བྱས་ཏེ། འདི་ནི་ལྕགས་ཀྱི་འཁོར་ལོ་གཉིས་ཀྱི་དབར་ན་རྣོན་པོའི་གྲི་བཀལ་ཞིང་དེའི་དབར་ན་ ཀ་ཐི་རན[Catherine] འཆི་དགོས་པ་ཡིན། ཁོ་མོའི་གསོལ་འདེབས་ལ་བརྟེན་ནས་འཁོར་ལོ་ཞིག་པ་དང་། ལྟ་མཁན་རྣམས་ཀྱི་ནམ་མཁར་ཕུར་བའི་རྣོན་པོའི་མཆུ་རྣམས་ཀྱིས་གསོད་དང་རྨས་པ་ཐེབས། མོས་འཆི་བ་ལས་ཐར་བ་དེས་མཆུ་ཅན་གྱི་འཁོར་ལོ་ལ་ “་ཀ་ཐི་རིན་འཁོར་ལོ” [Catherine wheel]” ཞེས་མིང་བཏགས་ཤིང་། ་ཀ་ཐི་རིན[Catherine] ལ་འཁོར་ལོ་བཟོ་མཁན་གྱི་སྲུང་ལྷའི་གོ་གནས་ཐོབ། དེ་ནས་མོ་ལ་མགོ་བཅད་ནས་བསད། ་ཀ་ཐི་རིན[Catherine] གྱི་གདུང་རྫས་ཡི་རོབ་པ་[European] འི་ལྷ་ཁང་ཁག་ཏུ་ཁྱབ་ཡོད། དུས་རབས་བཅུ་པར་ སི་ནཱའི་རི[Mount Sinai] དུ་ལྷ་ཚོགས་གཅིག་ [Order of the Knights of Saint Catherine] ཞེས་བྱ་བ་བྱུང་ཞིང་། དེར་མོའི་ཕུང་པོ་རྙེད་ཅེས་བརྗོད། ཕུང་པོ་དེ་ད་ལྟ་ཡང་དེར་ཡོད་ལ། མགོ་པ་ཡིན་པར་ཡིད་ཆེས་པ་དེ་ [Rome] དུ་མཆོད་ཡོད།

གཉིས་པ་ནི། ཨེ་ལེག་སན་པྲའི་ཧཱི་པེ་ཊི ཡ[Hypatia of Alexandria]
ལོ་བརྒྱད་ཅུ་ཙམ་རྗེས་སུ་ མཆོད་རྟེན་མ་ཀ་ཐི་རིན་ཨེ་ལེག་སན་པྲ་[Saint Catherine of Alexandria] དང་ཁྱད་ཆོས་འདྲ་མཚུངས་ཅན་གྱི་བུད་མེད་གཞན་ཞིག་ མི་སིར[Egypt] ནང་། ཁྱད་པར་དུ་ཨེ་ལེག་སན་པྲ [Alexandria] དུ་བྱུང་། འོན་ཀྱང་དུས་དེར་རོ་མ་ཚོ་[Romans] ཡི་་ལྷ་སྣ་ཚོགས་ཀྱི་ཆོས་ལུགས་ཆ་ཚང་ཉེ་བར་མེད་ཅིང་། མི་ཕལ་ཆེ་བ་ཡེ་ཤུའི་ཆོས་ལུགས་ཀྱི་རྗེས་འབྲང་བ་ཆགས་ཡོད།
ཧཱི་པེ་ཊི་ཡ་[Hypatia] ནི་རྩིས་རིག་པ། སྐར་རྩིས་པ། ནེའོ་པེ་ལེ་ཊོ་ནིཀ་[Neoplatonic] སློབ་གྲྭའི་ལྟ་གྲུབ་པ་ཡིན། ཨེ་ལེག་སན་པྲ[Alexandria] ཡི་དཔེ་མཛོད་ཁང་གི་མཐའ་མའི་དཔེ་མཛོད་པ་ཡིན་ལ་རྩིས་རིག་པ་གྲགས་ཅན་ཐི་ཡོན་[Theon] གྱི་སྲས་མོ་ཡིན་པ་མོས་ཌི་ཡོ་ཕེན་ཊུསེ [Diophantus]་དང་ ཌི་ཡོ་ཕེན་ཊུསེ[Apollonius]་ཡི་་བརྩམས་ཆོས་ལ་འགྲེལ་བཤད་བྲིས་ཤིང་། ཏོ་ལེ་མི[Ptolemy]་ཡི་ཨལ་མ་ཇེསཊ[Almagest] ལ་ཞུ་དག་བྱས་སྲིད། མོ་ནི་ཡང་ ཨ་སི་ཊྲོ་ལེབ[astrolabe]་དང་ཧཱའི་ཌྲོ་མི་ཊར [hydrometer] ལྟ་བུའི་ཡོ་ཆས་ཀྱི་བཟོ་མཁན་ཡང་ན་ཡར་རྒྱས་གཏོང་མཁན་ཞིག་ཡིན། གུས་འདུད་ཅན་གྱི་དགེ་བཤེས་ཤིག་ཡིན་ལ། ཨེ་ལེག་སན་པྲའི་ནེའོ་པེ་ལེ་ཊོ་ནིཀ[Alexandrian Neoplatonic]་སློབ་གྲྭའི་ཁྲིད་པ་བྱས་ཏེ་ཕྱི་རོལ་པ་དང་ཡེ་ཤུ་པ་གཉིས་ཀར་སློབ་ཁྲིད་བྱས། མ་འོངས་པའི་གནས་ནང་རྒྱལ་ཚབ་སི་ནེ་སི་ཡུསེ[Synesius]་ཀྱང་ཚུད།
མོའི་འཆི་བ་ནི་ཨེ་ལེག་སན་པྲ [Alexandria]་ཡི་ཤེས་ཡོན་ཉམས་པའི་འགྱུར་ལྡོག་གི་འགྱུར་ཚེགས་ཤིག་ཡིན་ལ། ‘ལྟ་གྲུབ་ཀྱི་དོན་དུ་འདས་མཛད།’ ཞེས་ལྟ་གྱི་ཡོད།
དུས་དེར་ཨེ་ལེག་སན་པྲ [Alexandria] ནི་སློབ་སྦྱོང་གི་ལྟེ་གནས་ཆེན་པོ་ཞིག་ཡིན་པར་བརྩིས། རྒྱ་གར་བའི་སྔ་རབས་ཀྱི་ནཱ་ལེན་དྲ་གནས་པའམ་བག་དཱད[Baghdad] ཀྱི་་ཤེས་རབ་ཀྱི་ཁྱིམ་བཞིན།
ཧཱི་པེ་ཊི་ཡ[Hypatia]་ཡི་་འཆི་ཚུལ་ནི་ཨེ་ལེག་སན་པྲའི་མཆོད་རྟེན་མ་ཀ་ཐི་རིན [Catherine of Alexandria]་གི་གྲུབ་ཐབས་ནང་གི་འདས་མཛད་ཀྱི་ལོ་རྒྱུས་དང་འདྲ་བ་ཆེན་པོ་ཡོད་དེ། གཉིས་ཀ་ཤེས་ཡོན་ཆེ་བའི་བུད་མེད་ཡིན་ལ། དྲག་པོས་བསད་ཅིང་ཡོ་ཆས་འདྲ་མིན་བེད་སྤྱོད་བྱས་སྲིད།

འདི་ལྟར་འདྲ་མཚུངས་ཡིན་པས་རྗེས་འབྲང་བ་དང་མཁས་པ་ཁ་ཤས་ཀྱིས་གཉིས་ཀ་ཐོག་མར་མི་སྣ་གཅིག་ཡིན་ཞིང་། ཕྱིས་སུ་ལོ་རྒྱུས་ཐ་དད་དུ་ཆ་བགོས་ཡིན་སྲིད་ཅེས་དཔྱད་གཞིས་བྱེད་ཀྱི་ཡོད།
འོན་ཀྱང་ལོ་རྒྱུས་ཀྱི་ལྟ་ཚུལ་ནས། ཧཱི་པེ་ཊི་ཡ[Hypatia]་དང་ཀ་ཐི་རིན [Catherine] ནི་དུས་ཚོད་ཐ་དད་ཡིན་ཡང་ཉེ་པོའི་སྐབས་གཉིས་ལ་སྐྱེས་ཏེ། ཕྱོགས་ཐ་དད་ནས་རྨོངས་དད་ལ་ལེགས་སྦྱོར་བྱེད་པ་ལྟ་བུ་ཡིན།
དེང་སང་ཨི་ཊ་ལིའི་པི་སའི་གྲོང་ཁྱེར་ལ་ཨེ་ལེག་སན་པྲའི་མཆོད་རྟེན་མ་ཀ་ཐི་རིན[Saint Catherine of Alexandria]་ལ་གནས་བཅུག་པའི་ལྷ་ཁང་ཞིག་ཡོད། ལྷ་ཁང་དེ་ནང་ད་ལྟ་ཡང་ཐོ་མས་ཨ་ཀྭི་ནས [Thomas Aquinas]་ཀྱི་རྒྱལ་ཁྲི་ཡོད།

“ངས་བྲིས་པ་ཐམས་ཅད་ད་ལྟ་ང་ལ་གསལ་བར་སྟོན་པ་དེ་དང་བསྡུར་ན་སྤུད་ཤིང་ལྟ་བུ་དྲན་གྱི་འདུག”
— ཐོ་མས་ཨ་ཀྭི་ནས་[Thomas Aquinas]—
ཐོ་མས་ཨ་ཀྭི་ནས[Thomas Aquinas]་ནི་སྔ་རབས་ཀྱི་ཡེ་ཤུའི་ཆོས་ལུགས་ཀྱི་མཁས་པ་ཆེན་པོ་ཞིག་ཡིན་ལ། ལྷ་ཆོས་ལ་ཐབས་ལམ་རིགས་པ་ཅན་དང་ཤེས་ཡོན་གྱི་ཐབས་ནས་ཞུགས་པ་ཡིན་ཞིང་། འདི་ནི་ཁོའི་དུས་ཀྱི་ཡེ་ཤུའི་ཆོས་ལུགས་ཀྱི་ཚད་ལྡན་ཚོགས་པས་རྟག་ཏུ་ཡག་པོར་བལྟས་མ་མྱོང་། ཁོའི་གྲགས་ཆེ་ཤོས་ཀྱི་ཚིག་ཞིག་ནི་ “ངས་བྲིས་པ་ཐམས་ཅད་ངར་སྤུད་ཤིང་ལྟ་བུ་དྲན་གྱི་འདུག” ཅེས་པ་ནི་ཁོའི་ཚེ་རབས་ཀྱི་མཐར་ལྷ་འདྲེན་གྱི་ཉམས་མྱོང་ལས་བྱུང་།འདིས་ཁོའི་ཤེས་པ་ཟབ་མོ་མཚོན་ཏེ། ཁོས་ལྷ་ཚོལ་བ་དང་བདེན་པ་བྲིས་པར་ཇི་ཙམ་འབད་བརྩོན་བྱས་ཀྱང་། ལྷ་རྙེད་ཐུབ་མ་སོང་ལ་བདེན་པ་ཡང་མ་རྙེད། རིགས་པ་དང་ལྷ་ཆོས་ཀྱི་འབད་བརྩོན་ཚང་མ་ཡིན་ཡང་། བདེན་པ་ནི་རིགས་པ་ཆེས་ཕྲ་མོ་ལས་ཀྱང་འདས་ཡོད།


“འདིར་བཞུགས་ཤིང་དམ་པའི་གདན་ས་འདི་ནས་གསུང་གི་ཡོད་པ་དང་། དད་ལྡན་ཞིང་ཀ་དྲིན་ཤེས་པའི་བདག་གི་བྱམས་པ།”
པར་འདི་ཚོའི་ནང་ན་པི་ས་ [Pisa] གྲོང་ཁྱེར་གྱི་ཨ་ལེག་སན་པྲའི་མཆོད་རྟེན་མ་ཀ་ཐི་རིན་གྱི་ལྷ་ཁང་ནང་གི་ལྷ་ཁང་ཆེན་མོ་མཚོན་ཡོད་དེ། དེར་རིགས་པ་ཅན་གྱི་གྲྭ་པ་ཐོ་མས་ཨ་ཀྭི་ནས་ཀྱིས་ཆོས་འཆད་ཀྱི་ཡོད་པ་རེད། ལ་ཏིན་སྐད་ཀྱི་ཡི་གེ་འདིར་གསུངས་པ་ནི།
“Hic situs hac ipsa bos pes sua sede locutus
Pius a sede, nunc quoque, gratus amo.”ཟེར་བ་རེད་དང་ཟེར་བ་འདི་དོན་ནི།
“འདིར་བཞུགས་ཤིང་དམ་པའི་གདན་ས་འདི་ནས་གསུང་གི་ཡོད་པ་དང་། དད་ལྡན་ཞིང་ཀ་དྲིན་ཤེས་པའི་བདག་གི་བྱམས་པ།”
ཡིན་ནོ།

ཁོའི་རྩ་བའི་བསམ་ཚུལ་གཅིག་གིས་ ཧཱི་པེ་ཊི་ཡ [Hypatia]་དང་ཨེ་ལེག་སན་པྲའི་མཆོད་རྟེན་མ་ཀ་ཐི་རིན་[Catherine of Alexandria] ལྟ་བུའི་མི་སྣ་ཚོའི་འབྲེལ་བ་དྲན་གཏོང་བྱེད་ཀྱི་ཡོད་དེ། གཉིས་ཀ་ཚད་མེད་ཀྱི་བུད་མེད་ཡིན་ལ། དེ་ཚོའི་བཞག་ཐུབ་ནི་ཚན་རིག་གི་བསམ་བློ་ཅན་གྱི་དེང་དུས་ཀྱི་སློབ་སྦྱོང་སྨྲ་བ་པོ་ཚོར་བློ་སྐུལ་སྤྲོད་བཞིན་ཡོད།
དེ་ཚོའི་ལོ་རྒྱུས་ཀྱིས་མི་ཕོ་མོ་གཉིས་ཀའི་འགྲོ་བ་མིའི་ཐོབ་ཐང་གི་རྒྱུན་ལྡན་གལ་ཆེ་བ་དང་། གཞན་ལ་ཕན་ཐོགས་ཀྱི་ཆེད་དུ་བདེན་པ་ཚོལ་བའི་རྩ་བའི་ཐོབ་ཐང་གཟིགས་སྟོན་བྱེད་ཀྱི་ཡོད།
Leave a comment