སྔ་རབས་འཛམ་གླིང་ཤེས་རབ།

ཐམས་ཅད་ལ།

དེ་རིང་དམིགས་གསལ་ཚེ་འདི་ལ། བོད་ཀྱི་ས་ག་ཟླ་བའི་ཚེས་བཅོ་ལྔ་པ་འདི་ལ་ངས་ཁྱེད་རྣམས་དང་མཉམ་དུ་བསམ་ཚུལ་ཅུང་ཟད་བགོ་འདེབས་བྱེད་རྒྱུ་ཡིན། ཉིན་མོ་འདི་ནི་ང་ཚོའི་ཆེད་དུ་ཤིན་ཏུ་གལ་ཆེན་པོ་ཞིག་ཡིན་ལ། དེ་ཡང་སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་རྗེས་དྲན་བྱེད་སའི་ཉིན་མོ་ཡིན། འདི་དག་ལ་ཕལ་ཆེར་གཙོ་བོ་གསུམ་དུ་བསྡུས་ཏེ་བརྗོད་དེ། འདི་ལྟ་སྟེ་སྐུ་འཁྲུངས་པ་དང་། མངོན་པར་རྫོགས་པར་སངས་རྒྱས་པ། ཡོངས་སུ་མྱ་ངན་ལས་འདས་པ་བཅས་སོ།

སྔོན་གྱི་ཤེས་རབ་ཀྱི་ལུགས་སྲོལ་རྣམས། རྒྱ་གར་ཁོ་ན་མིན་པར་སྔོན་གྱི་རིག་གཞུང་ཆེན་པོ་གཞན་དག་གི་ཤེས་རབ་ཀྱི་ལུགས་སྲོལ་རྣམས་ལ་བསམ་བློ་གཏོང་བར་འདི་ནི་དུས་ཚོད་ཤིན་ཏུ་དོན་ལྡན་ཞིག་ཡིན་པར་བསམས། འདི་ནི་མཐར་ཐུག་ཏུ་སུས་བདེན་པ་ཐོབ་ཀྱང་རུང་། མ་ཐོབ་ཀྱང་རུང་། ང་ཚོ་ཐམས་ཅད་ཟབ་མོའི་ཚུལ་དུ་འབྲེལ་བ་ཡོད་པ་ཞིག་ཡིན་པའི་དྲན་སྐུལ་ཞིག་ཡིན།

ང་ཚོ་བོད་ཀྱི་ལུགས་སྲོལ་ནས་ཡིན་པ་དང་། ཆོས་ལུགས་བཞི་པོ་གང་ལ་ཡང་བརྟེན་ཡང་། ནཱ་ལེནྡྲའི་རྙིང་པའི་ལུགས་སྲོལ་ལ་གུས་པ་བྱེད། དེ་ནི་མཁས་པ་དང་སློབ་མ་མང་པོ་བྱུང་བའི་ཤེས་རབ་ཀྱི་ལྟེ་བ་ཆེན་པོ་ཞིག་ཡིན། ཡིན་ན་ཡང་ནཱ་ལེནྡྲ་ནི་ཤེས་རབ་དཔྱད་པའི་གནས་གཅིག་པུ་མ་ཡིན། དེ་ནི་ནང་པའི་ལམ་ལུགས་ཀྱི་ཞིབ་འཇུག་གི་ལྟེ་གནས་རྙིང་ཤོས་དང་གལ་ཆེ་ཤོས་ཤིག་ཡིན་པར་ངོས་འཛིན་ཐུབ་ཀྱང་།

དེ་ཡང་འཇིག་རྟེན་གྱི་མཐོ་རིམ་སློབ་གྲྭ་དང་པོ་མ་ཡིན། མཐོ་རིམ་སློབ་གྲྭ་རྙིང་ཤོས་ནི་ཨལ་ཀ་ར་ཝི་(al-Qarawiyyin) ཡིན་ཏེ། མོ་རོ་ཀོ་ནང་དུ་བཞེངས་ཤིང་། ཨ་རབ་ཀྱི་བུད་མེད་ཕཱ་ཏི་མ་ཨལ་ཕིར་རི་ཡ་(Fāṭima al-Fihriyyah)ཡིས་གཏོད་པ་ཡིན།

སྔ་རབས་ཁ་ཆེའི་ཤེས་རབ་ཁང་།

སྔོན་གྱི་ཨ་རབ་ཀྱི་རིག་གནས་ནི་དེང་སང་གི་ལྟ་བ་དང་མི་འདྲ་བར། ཤེས་རིག་སྲུང་སྐྱོབ་དང་རྒྱ་ཆེར་སྤེལ་བར་ཤིན་ཏུ་གལ་ཆེའི་བྱ་བ་ཡིན། ཤར་ཕྱོགས་ཨ་རབ་རྒྱལ་ཁབ་ཚོའི་ནང་དུ་དང་པོར་“ཤེས་རབ་ཁང་རྣམས“ཞེས་བྱ་བ་བཞེངས། ཁྱབ་ཆེ་ཤོས་ནི་ཡི་ར་ཀེའི་གྲོང་ཁྱེར་ནི་Bhagdad ནང་དུ་ནུབ་ལོ་༨༣༠་ཙམ་ལ་བྱུང་།

ཡིན་ན་ཡང་ཤེས་རབ་ཀྱི་ཁྱིམ་གྱི་སྐོར་བཤད་པའི་སྔ་རུ་གཞན་པ་ཞིག་བཤད་འདོད།

ཨ་རབ་ཀྱི་ཡུལ་གྲུའི་ནང་གི་ཤེས་རབ་ཁང་རྣམས་མ་བྱུང་བའི་སྔ་རུ་ཡང་། ལ་ཏིན་པ་ཚོའི་ནང་དུ་སྦྱོང་བརྡར་གྱི་ལྟེ་གནས་ཡོད། དཔེར་ན་སྔོན་གྱི་གྷི་རི་པ་ཚོའི་ནང་ལྟ་བུ།

སྔ་རབས་གྷི་རིའ་སི་རྒྱལ་ཁབ་ཀྱི་རྒྱལ་པོའི་ཨ་ལེག་ས་ན་ཌར་ཆེན་པོའི་སྔ་རུ་ཡང་རྒྱ་གར་དང་གྷི་རི་པའི་འཇིག་རྟེན་གྱི་བར་དུ་བརྗེ་རེས་ཡོད། ལྷག་པར་དུ་ཕར་སིའི་རྒྱལ་ཁབ་བརྒྱུད་ནས།

སྔ་རབས་གྷི་རིའ་སི་རྒྱལ་ཁབ་ཀྱི་རྒྱལ་པོའི་ཨ་ལེག་ས་ན་ཌར་ཆེན་པོས་རྒྱ་གར་བྱང་ཕྱོགས་སུ་ཕེབས་སྐབས། ལྟ་གྲུབ་པ་དང་སྨན་པ། མཁས་པ་ཚོ་ཁྲིད་དེ་ཕེབས། ཁོང་ཚོས་རྒྱ་གར་གྱི་དཀའ་ཐུབ་པ་ཚོ་དང་མཇལ་ཏེ། ཁོང་ཚོའི་ཤེས་རིག་ལ་་གྷི་རི་པ་ཚོ་ཧ་ལས་པ་བྱུང་།

དཔེར་ན་སྔ་རབས་གྷི་རི་པའི་མཁས་པ་ཁ་ཤས་ཀྱིས་པཱི་ཐ་གྷོ་ར (Pitagora)་་དང་པ་ལ་ཏོ(Plato)། ཡ་རི་སྟོ་ཏ་ལ་(Aristotle)་སོགས་པ་ཤར་ཕྱོགས་ཀྱི་ཁུངས་ནས་ཞུགས་འདེགས་ཞུས་སྲིད། ལྷག་པར་དུ་ཨི་ཇི་(Egypsian)་དང་བྷ་བི་ལོན་(Babylonian)་ལ་སོགས་རྒྱ་གར་དང་འབྲེལ་བ་ཡོད།


“བསམ་བློ་ནི་ཚོང་ལས་དང་གནས་སྐོར་གྱི་ལམ་བཟང་རྒྱུ་ཡིན།”

སྔོན་གྱི་གྷི་རི་པའི་ལྟ་གྲུབ་མཐའ་དང་རྩིས་རིག་པ། མཁས་པ་ཚོའི་ཤེས་རིག་མང་པོ་ནི་རྒྱ་གར་གྱི་མཁས་པ་ཚོའི་ཤེས་རིག་ནས་ཐད་ཀར་རམ་ཡང་ན་བརྒྱུད་ནས་ཞུགས་འདེགས་ཞུས། ལོ་རྒྱུས་དུས་སྐབས་ཤིག་ཏུ་གྷི་རི་སི་ནས་རྒྱ་གར་གྱི་ཆ་ཤས་ལ་དབང་བསྒྱུར་ཏེ་རྒྱལ་ཁབ་གཅིག་ཏུ་གྱུར་པའི་རྐྱེན་ཡང་ཡིན།

གྷི་རི་སི་དང་རྒྱ་གར་གྱི་མཚམས་སུ་བརྩིས་པའི་ས་ཁུལ་ཁ་ཤས་ནང་། གནའ་དངོས་པོའི་རྙེད་སྐར་ནང་བུད་ཀྱི་ཆོས་ཀྱི་རྟགས་མཚན་མཐོང་བ་ནི་རིག་གནས་འདུ་འགྲིག་ཧ་ཅང་ཆེ་བའི་རྟགས་ཡིན། འདིར་ང་ཚོས་གྷི་རི་སི་ཀྱི་གསེར་གྱི་དུས་ཚོད་གསུང་གི་ཡོད།

གྷི་རི་སི་དང་རྒྱ་གར་གྱི་མཁས་པ་ཚོའི་བར་རིག་གནས་འདུ་འགྲིག་མང་པོ་ཡོད།

“གལ་ཏེ་བཅོས་སུ་ཡོད་ན་ནི། །
དེ་ལ་མི་དགར་ཅི་ཞིག་ཡོད། །
གལ་ཏེ་བཅོས་སུ་མེད་ན་ནི། །
དེ་ལ་མི་དགའ་བྱས་ཅི་ཕན། །”

ཞི་བ་ལྷ།

དོན་དངོས་སུ་ང་ཚོས་ཞི་བ་ལྷས་སྤྱོད་འཇུག་ནང་བཀོད་པ་དང་གྷི་རི་པ་འདྲ་བའི་བསམ་ཚིག་ཅིག ་ཀྱི་ལྟ་གྲུབ་པ་རྙིང་པ་ཨ་རི་སྟོ་ཏ་ལས་རྙེད། “གལ་ཏེ་ཐབས་ཤེས་ཡོད་ན་ཅི་སྟེ་སྐྱོ། གལ་ཏེ་ཐབས་ཤེས་མེད་ན་ཅི་སྟེ་སྐྱོ།”

གྷི་རི་པའི་གྲུབ་མཐའ་སྨྲ་བ་དང་ཚན་རིག་པ་དེ་མོ་ཀི་རི་ཏུས་(Democritus)་ཀྱིས་ཀྱང་ནང་ཆོས་ཀྱི་གྲུབ་མཐའ་ཁ་ཤས་དང་ཏོག་ཙམ་འདྲ་བའི་དངོས་པོའི་ལྟ་བ་ཞིག་བཤད། ཁོང་གིས་དེཔར་ན་ནམ་མཁའ་ལ་ཐོགས་རེག་བཀག་པའི་ཆ་དང་འདྲ་ཡིན་པར་བཞག་དང་བེམ་པོ་ཐམས་ཅད་ནི་རྡུལ་ཕྲན་ཆ་མེད་ནས་གྲུབ་ཅེས་བཤད།

བསམ་བློ་འདི་དག་ནས་དེང་རབས་ཀྱི་རྡུལ་ཕྲན་གྱི་རྨང་གཞི། ཕྱིས་སུ་ཨཱིན་སི་ཊཱིན་གྱིས་བླངས་པ་བྱུང་། འདོད་ཕྱིར་ན་ཁུངས་ཁ་ཤས་ལ་རྡུལ་ཕྲན་འདི་དག་འབྱུང་བ་ལྔ། ས་ཆུ་མེ་རླུང་དང་འབྲེལ་བ་ཡོད་ཅེས་བྱ།

གྷི་རི་པའི་ཤེས་རིག་གི་ཤུགས་རྐྱེན་འོག་ཨི་ཇི་པའི་གྲོང་ཁྱེར་ཨ་ལེག་ས་ན་ཌི་རི་ཡར་ཟེར་བ་ནང་དུ་དཔེ་མཛོད་ཆེན་པོ་ཞིག་བཞེངས། རྩིས་རིག་དང་ལྟ་གྲུབ། ཐར་ཀ། སྨན་རིག། རྩོམ་རིག་སོགས་ཀྱི་དཔེ་ཆ་ཐོབ་ཐུབ། དེ་རྗེས་སུ་དཔེ་མཛོད་འདི་སྔ་རབས་རོ་མ་པ་ཚོས་བསྲེགས་སོང་།

ཕྱིས་སུ་སྔོན་གྱི་གྷི་རི་སེའི་འཇིག་རྟེན་རིག་གནས་ཀྱི་ཉམས་པའི་དུས་ཚོད་ཞིག་ཏུ་ཞུགས། ནུབ་ཕྱོགས་རོ་མའི་རྒྱལ་ཁབ་ཆེན་པོ་ཤོར་བ་དང་། “མུན་པའི་དུས་ཚོད”ཅེས་བྱ་བའི་མི་བརྟན་པའི་དུས་ཚོད་ཅིག་ཐོག་པ།

དུས་ཚོད་དེ་རིང་ལགྷི་རི་པའི་ཤེས་རིག་ཨ་རབ་ཀྱི་ཨིས་ལམ་གྱི་འཇིག་རྟེན་ནས་བསྡུས་ཏེ་བསྒྱུར་ཞིང་སྲུང་སྐྱོབ་བྱས། Bhagdad་ནང་གི་ཤེས་རབ་ཁང་ལྟ་བུའི་ལྟེ་བའི་རྐྱེན་ནས། དེ་ནར་བསྒྱུར་མཁན་གྱི་སྡེ་ཚན་ཞིག་བསྒྲིགས་ཏེ་གྷི་རི་སེ་དང་རྒྱ་གར། རྒྱ་ནག སོགས་ཀྱི་མཁས་པ་ཚོའི་དཔེ་ཆ་ཨ་རབ་སྐད་དུ་བསྒྱུར།

ཨིས་ལམ་གྱི་ཤེས་རབ་ཀྱི་ཁྱིམ་ནང་དུ་ཨེ་ཤི་ཡ་དང་བར་ཤར། ཨཕ་རི་ཀའི་མཁས་པ་ཚོ་འདུ་འགྲིག་ནས་བརྗོད་གཞི་སྣ་ཚོགས་ཐད་རྩོད་གླེང་མོལ་བྱེད།

དེང་རབས་ནུབ་ཕྱོགས་སྐད་ཡིག་ནང་བེད་སྤྱོད་བྱེད་པའི་ཨང་གྲངས་ནི་སྤྱིར་ཨ་རབ་ཨང་གྲངས་ཞེས་བྱ་རུང་། ཡིན་ནའང་དངོས་སུ་རྒྱ་གར་པ་ནས་བླངས་པ་ཡིན།

ཀླད་ཀོར་གྱི་རྨང་གཞི་ཡང་རྒྱ་གར་གྱི་རྩིས་རིག་པ། དཔེར་ན་ཨརྱ་བྷ་ཊ་(Aryabhatta)། ཁོ་རྡོ་རྗེ་ལྡན་ཉེ་འཁོར་པ་ཊ་ན་ནས་ཡིན། ཁོང་གི་རྩིས་རིག་གི་ལས་གཞི་ནཱ་ལེནྡྲ་ནང་ཡང་སྦྱངས་ཀྱི་འདུག། ཁོང་ནི་ཧིན་དུའི་གྲུབ་མཐའ་ཚོས་ལོག་ལྟ་ཅན་དུ་བརྩིས་པ་དང་ཁོང་གིས་ཟླ་གྲིབ་ནི་བདུད་ར་ཧུས་ཟླ་བ་མྱེ་ནས་བྱུང་མིན་པར། ཉི་ཟླ་སའི་འགུལ་སྐྱོད་ནང་སྒྲིབ་གཡོས་ཀྱི་གནས་ཚུལ་ནས་བྱུང་ཞེས་བཤད།

ཨིས་ལམ་དང་ཡེ་ཤུའི་ཆོས། ཡི་ཧུ་དི་ཆོས་ཀྱི་མཁས་པ་མང་པོས་ཀྱང་། ཤེས་ཡོན་ཅན་གྱི་ལམ་ནས་རང་རང་གི་འཇིག་རྟེན་ཁམས་ཀྱི་ལྟ་བ་ཐར་ཀའི་རིགས་པ་བརྒྱུད་ནས་བསྟན། དེ་ལ་“ཀ་ལམ”ཞེས་བྱ། བོད་སྐད་དུ་”མདོ”ཞེས་དང་འདྲ། ལྷ་གཅིག་པུ་པའི་དད་པ་རིགས་པ་ཅན་གྱི་རྒྱུ་མཚན་བརྒྱུད་ནས་འགྲེལ་བཤད་དང་སྲུང་སྐྱོབ་བྱེདཔའི་ཆེད་དུ་དེ་རྩོམ་པ་རེད།

ཨིས་ལམ་གྱི་མཁས་པ་ཚོས་དུས་དེ་དུས་ཤེས་རིག་སྤེལ་བར་ངོ་མ་ནས་གལ་ཆེའི་བྱ་བ་བྱས་ཤིང་། ཤེས་རབ་ཀྱི་སྲུང་མ་ཆེན་པོ་ཡིན། ཡིན་ན་ཡང་སོག་པོ་ཚོས་བར་ཤར་བཅོམ་སྐབས་ཤེས་རབ་ཀྱི་ཁྱིམ་ཚོ་རྒྱག་ཅིང་བསྲེགས།

ཨིས་ལམ་དང་ལྷ་གཅིག་པུ་པའི་མཁས་པ་ཚོ་རང་རང་གི་ཆོས་ལུགས་ཀྱི་ནང་ཁུལ་གྱི་དམ་ཚིག་ཅན་ཚོས་གནོན་ཞུགས་བྱས། ཁོང་ཚོས་ཤེས་ཡོན་ཅན་གྱི་ལམ་མི་འདོད་པར་མུ་མཐུད་དད་པ་ཙམ་ལ་གཙོ་བོར་བྱས།

མཁས་པ་མང་པོ་ཡུ་རོབ་དེ་བྱེད་ཀྱི་སི་པེན་དང་ཨི་ཊ་ལི་ལ་བྲོས་ཏེ་ཕེབས། ཁོང་ཚོའི་ཤེས་རིག་ནུབ་ཕྱོགས་ཀྱི་མཁས་པ་ཚོ་དང་མཉམ་བསྲེས་བྱུང་།

དེ་བས་ན་དེང་སང་ནུབ་ཕྱོགས་ཀྱིས་གཤམ་བཞག་པའི་རྩིས་རིག་དང་ཚན་རིག། ལྟ་གྲུབ་ཀྱི་ཤེས་རིག་མང་པོ་ནི་དངོས་སུ་སྔོན་གྱི་རིག་གནས་ཚོ་དང་ཟབ་མོར་འབྲེལ་བ་ཡོད། དེ་ལ་ངོ་མ་ནས་“ནུབ་ཕྱོགས་ཀྱི་“ཞེས་བརྗོད་དཀའ།

དེས་ང་ལ་སེམས་ལ་འཆར་བ་ནི། ཟབ་མོར་སྔོན་གྱི་ཤེས་རིག་འདིའི་བར་དུ་འབྲེལ་བ་ཆེན་པོ་ཞིག་ཡོད། མི་རིགས་ཀྱི་ཕན་ཚུན་ལ་ངེས་པར་དུ་གསོ་སྐྱོང་དང་སྔར་ལྟར་གསལ་བཤད་བྱེད་དགོས།

ང་ཚོས་ངོས་འཛིན་བྱེད་དགོས་པ་ནི། སྔོན་ཆད་ཆོས་དང་ཚན་རིག་ཟབ་མོར་འབྲེལ་བ་ཡོད། སྐྱོན་ཆ་ནི་ཆོས་ལུགས་ཀྱི་དམ་ཚིག་ཅན་གྱི་ལམ་ལུགས་ཆེ་རུ་ཕྱིན་པ་དང་། དེ་ཚོས་དབང་ཆ་ཐོབ་རྗེས་ཆོས་ལུགས་ཀྱི་བསམ་ཚུལ་ཅན་མང་པོའི་ནང་ཡོད་པའི་ཤེས་ཡོན་ཅན་གྱི་ཆ་ཤས་མཐའ་མར་བཀུག་དེ་ལས་ཆོས་ལུགས་དང་འབྲེལ་བ་མེད་པའི་ཚན་རིག་བྱུང་།

ཚན་རིག་དང་བརྟན་པོ་དང་གསོན་པོའི་འབྲེལ་བ་ཡོད་པའི་ཆོས་ལུགས་ནི་ནང་པའི་ཆོས་ཀྱང་པ་ཡིན། དེང་སང་ཡང་དུས་ཚོད་འདིའི་ལམ་སྟོན། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་བསྟན་ཡོད།

གང་ལྟར་ང་ལ་སྤོབས་པའི་ཡིད་ཆེས་པ་ནི། སྔོན་གྱི་སྦྱོང་བརྡར་གྱི་ལྟེ་གནས་ཆེན་པོ་ཚང་མ་མཐར་བསྲེགས་བྱུང་།

དེང་སང་གསར་པའི་ཚན་རིག་གིས་སེམས་ཀྱི་དངོས་པོ་དེ་ག་རེ་ཡིན་མིན་རྙེད་པར་རང་ཁ་ཕྱེ་བ་འདྲ། སྔར་ལྟར་ནང་ཆོས་དང་མཉམ་སྦྲེལ་བྱེད་འདོད་ཡོད་པ་འདྲ།

རང་བྱུང་དང་ཚན་རིག། ནང་ཆོས། མི་རིགས་ཀྱི་ཐོབ་ཐང་སོགས། ང་ཚོ་ཕབ་ཆོག་མ་ཡིན་པའི་མི་རིགས་ཀྱི་དུས་ཚོད་ཅིག་ནང་ཡོད་དོ།