ཟླ་བ་གྲགས་པས་རྩ་བའི་ཤེས་རབ་ལའི་འགྲེལ་བཤད་དུ་བཀོད་པའི་ཚུལ་ཁྲིམས་ཀྱི་སྐོར་ལ།ཁོང་གིས་ཉམས་པའི་ཚུལ་ཁྲིམས་རིགས་གཉིས་སུ་དབྱེ་བ་མཛད་པ་རེད།
དང་པོ་ནི །གཞན་ལ་ངོ་མའི་གནོད་འཚེ་བྱེད་པའམ་རང་གི་སྡོམ་པ་ཉམས་པར་བྱེད་པ་རེད།
གཉིས་པ་ནི་ཧ་ཅང་ཕྲ་མོ་ཞིག་རེད། ཁྲིམས་དང་སྡོམ་པ་ལ་བརྟན་པོས་སྒྲུབ་ཀྱང་།སེམས་དེ་ཚུལ་ཁྲིམས་ལ་ཉེ་རིང་མེད་པར་ཞེན་པ་འདི། བདག་འཛིན་་ཞེན་པའི་རིགས་ཤིག་ཡིན་པ་རེད།

ངས་དེ་ལ་བསམ་བློ་མང་པོ་བཏང་སྟེ། དོན་དེ་ཉམས་ལེན་གྱི་ཐད་ནས་རྟོགས་ཐབས་འཚོལ་བའི་སྐབས། པེ་ཊར་ཀྲོ་པོད་ཀིན་(Peter Kropotkin)་གྱིས་ཚུལ་ཁྲིམས་ཀྱི་དོན་ལ་བཤད་པའི་ནང་དུ་དེའི་སྙིང་པོ་ཚུར་མཐོང་བ་རེད། དེར་སྐྱོན་མེད་པའམ་དག་པའི་ཚུལ་ཁྲིམས་ཀྱི་ལྡེ་མིག་རྙེད་ཐུབ་སྙམ་མོ།

དང་པོ་ནི་པེ་ཊར་ཀྲོ་པོད་ཀིན་(Peter Kroptokin) ཞེས་པ་གང་ཞིག་རེད།
པེ་ཊར་ཀྲོ་པོད་ཀིན་(༡༨༤༢–༡༩༢༡)ནི་ཨུ་རུ་སུའི་ས་ཁམས་རིག་པ་བ། སྐྱེ་དངོས་རིག་པ་བ།སྲིད་བྱུས་ལྟ་གྲུབ་པ། དམངས་གཙོ་རང་དབང་གཞུང་མེད་ལམ་ལུགས་ཀྱི་རིང་ལུགས་པ་(Anarchist)ཞིག་རེད།
དམངས་གཙོ་རང་དབང་གཞུང་མེད་ལམ་ལུགས་ཀྱི་རིང་ལུགས་པ་(Anarchist)་དང་ཆོས་ལུགས་འགལ་ཟླ་ལྟ་བུར་སྣང་ཡང་།དངོས་གནས་དམིགས་ཡུལ་མཚུངས་པ་དང་འགྲུབ་པའི་ཆ་ནས་འགལ་བ་མེད།

པེ་ཊར་ཀྲོ་པོད་ཀིན་གྱི་དམངས་གཙོ་རང་དབང་ཚུལ་ཁྲིམས་ཀྱི་རིང་ལུགས་ནི།ཚུལ་ཁྲིམས་ནི་ཆོས་ལུགས་སམ་རྒྱལ་ཁབ་ནས་བཙན་འདེད་བྱས་པ་མིན་པར།ཕན་ཚུན་རོགས་སྐྱོར་དང་མཐུན་འབྲེལ་ལ་གཞི་བཞག་པའི་མི་རིགས་ཀྱི་རང་བཞིན་ནང་གསེས་སུ་ཡོད་པའི་ཚོར་བ་ཞིག་རེད།ཁོང་གིས་ཕན་ཚུན་རོགས་སྐྱོར་འདི་འཕེལ་རིམ་གྱི་རྐྱེན་ཞིག་དང་ཚུལ་ཁྲིམས་ཀྱི་གཞི་རྩ་ཡིན་པར་གསུངས།
ཁོང་གིས་བཤད་པ་ལྟར་ན།ཚུལ་ཁྲིམས་ཞེས་པ་འདི།ལོབ་གྲྭ།སྲིད་གཞུང་།སྤྱི་ཚོགས།ཡང་ན་ཆོས་ལུགས་རང་གིས་བསླབ་བྱ་ཙམ་མིན་པར།གང་རུང་གི་ནང་དུ་ཡོད་པའི་ཚོར་བ་དེ་རེད།རང་གི་སྤྱོད་པས་གཞན་ལ་སྡུག་བསྔལ་སྐྱེད་པ་དང་གནོད་པ་སྐྱེད་པ་ཤེས་པའི་ཚོར་བ་དེ་དངོས་གནས་ཀྱི་ཚུལ་ཁྲིམས་རེད།
ངས་དེ་ལ་རྗེས་སུ་ཡི་རང་བྱེད།གང་ཡིན་ཞེ་ན།ནང་གསེས་ཀྱི་ཚོར་བ་དེ་མི་སྣང་ཞིང་བསྐྱེད་མ་བྱས་ན།ངེད་ལ་སུས་ཚུལ་ཁྲིམས་གང་ཟེར་ཡང་དངོས་གནས་ཀྱི་ཚུལ་ཁྲིམས་དུ་མི་འགྱུར།དེ་ལས་ལྡོག་སྟེ་དེ་མུ་སྟེགས་སྐྱེད་པ།རྒྱུགས་སྤྱོད།ནུས་པ་རྔུལ་ཆུར་སྤྱོད་པ།ཡང་ན་འཇིགས་སྣང་ཁྲོད་འཚོ་བའི་ལག་ཆ་ཞིག་ཏུ་འགྱུར་ཐུབ།ཚུལ་ཁྲིམས་ནི་ཁྲིམས་ཙམ་མིན་པར།གཞན་ལ་གནོད་པ་མི་སྐྱེད་པའི་མཐུན་འབྲེལ་གནས་ཚུལ་དང་དྲང་བདེན་གྱི་སྤྱོད་པའི་སྙིང་པོ་རེད།དེ་ནི་“ངའི་རང་དབང་གཞན་གྱི་རང་དབང་འགོ་བཙུགས་པའི་ས་མཚམས་སུ་འཇོག་དགོས།“ཞེས་པའི་ཧ་གོ་བའི་ནང་དུ་ཡོད།
མང་ཆེ་བ་ཆོས་ལུགས་ཀྱི་གནས་ཚིགས་ཙམ་མམ་ཁྲིམས་སམ་དམག་རྩལ་ལ་འབྲེལ་བ་ཙམ་དུ་འདོད།
སཾསྐྲིཏ་སྐད་དུ་ཤཱིལ་(शील)ཞེས་ཟེར།དེའི་དོན་ནི་“སར་བ”ཞེས་པ་སྟེ།ཚུལ་ཁྲིམས་ཉམས་ལེན་བྱས་པས་ལྕི་འདམ་འཁུར་མི་དགོས་པ་ལྟ་བུའི་སར་བའི་ཚོར་བ་ཞིག་འབྱུང་གི་ཡོད།
ཚུལ་ཁྲིམས་ཀྱི་ཚོར་བ་སད་ཅིང་བསྐྱེད་པ་དེ་རིང་སང་ཤིན་ཏུ་གལ་ཆེན་པོ་རེད།ཚུལ་ཁྲིམས་ནི་མིས་མི་ལ་ཇི་ལྟར་འབྲེལ་བ་ཞུ་དགོས་པ་ཙམ་མིན་པར།སྲོག་ཆགས་གཞན་ལའང་གུས་པ་དང་།ལྷག་པར་དུ་ཁོར་ཡུག་ལ་གུས་པ་ཡང་ཚུད།ང་ཅག་གི་སའི་གོ་ལ་ལ་ང་ཚོའི་དྲན་པ།སྲུང་སྐྱོབ།བཀྲིས་སྐྱོང་དགོས།

ང་ཚོ་ས་གནས་འདི་དང་འབྲེལ་བ་ཆད་ཀྱི་ཡོད།ཤིན་ཏུ་རྙོག་འཛིང་གི་མ་ལག་དང་རྩིས་རིག་སྐྲུན་གཞིའི་ངང་ནས་གྲུབ་པའི་ང་ཚོའི་རང་བཞིན་གྱིས།སའི་གོ་ལ་འདི་དང་ཁོར་ཡུག་དང་སྔར་གྱི་རང་བྱུང་འབྲེལ་བ་ནས་ང་ཚོ་རིང་དུ་བྱེད་ཀྱི་ཡོད།འབྲེལ་བ་ཆད་པ་འདིས་ང་ཚོའི་ཚུལ་ཁྲིམས་ཀྱི་ཚོར་བ་ཡང་ཞན་པར་བྱེད།མི་མང་པོས་དེ་ཆོས་ལུགས་ཀྱི་རིན་ཐང་ཞིག་ཙམ་ཡང་ན་རང་དབང་ལ་འགོག་བྱེད་མཁན་གྱི་མུ་སྟེགས་ཅིག་ཏུ་ལྟ།དངོས་ནས་ཚུལ་ཁྲིམས་ཀྱིས་རང་དབང་འབྱིན།
དམངས་གཙོ་རང་དབང་པ་རང་དབང་གྱི་ཆེད་དུ་འཐབ་རྩོད་བྱེད་མཁན་ཚོས་ཀྱང་།གཞན་གྱི་རང་དབང་ལ་གུས་པ།སུ་ལའང་གནོད་པ་མི་བཟོ་བ་ལ་གཞི་བཅོལ།འདི་ང་ཚོ་ཚང་མའི་ནང་དུ་ཡོད་པའི་ནང་གསེས་ཚུལ་ཁྲིམས་ལ་གཞི་བཞག་པ་ཞིག་རེད།དེ་བསྐྱེད་དགོས་པའི་ཚུལ་ཁྲིམས་ཞིག་རེད།གང་ལྟར་གཞི་རྩར་སྙིང་རྗེ་དང་ཐུགས་རྗེའི་ཚོར་བ་མེད་ན་ཚུལ་ཁྲིམས་གང་ཡང་དངོས་སུ་འཐུས་ཐུབ་མ་རེད།

དྭངས་བླུན་དུ་ང་ཚོས་དེ་ངོས་མ་ལེན་པར་ང་ཚོའི་སའི་གོ་ལ་ལ་བག་མེད་དུ་གོམ་པ་རྒྱག་སྟེ་ཡོད།འོན་ཀྱང་སྐྱེ་བོ་གསར་པ་ཚོ་གནད་དོན་དེ་ཚོ་ལ་ཧ་ཅང་ཚོར་བ་ཆེན་པོ་ཡོད།ཁོ་ཚོའི་བློ་ཤེས་མགྱོགས་པ།ཚོར་བ་རྣོ་བ།གནད་དོན་ལ་འཚམ།ང་ཚོའི་འཕྲད་པའི་དཀའ་ངལ་ལ་མྱུར་དུ་གོ་ཐུབ།ངའི་གཏམ་ཁོ་ཚོར་གནང་བ་དེ།ཁོ་ཚོ་ང་ཚོའི་རེ་བ་རེད།ཁོ་ཚོས་རྒན་པ་རྣམས་ཀྱི་འཇིག་རྟེན་གཅོད་པའི་རིགས་པ་ནས་གློལ་ཞིང་།དྲང་བདེན་དང་སྲོག་འདོན་གྱི་རིང་ལུགས་ལ་གཞི་བཞག་པའི་འཇིག་རྟེན་སྐར་ཕེབས་རྒྱབ་སྐྱོར་བྱ་ཐུབ།
རིང་ལམ་སྤྱི་ཚོགས་ཀྱིས་གཞོན་ནུ་ཚོར་ཉན་པ་ཤིན་ཏུ་གལ་ཆེ།ང་ཚོའི་ད་ལྟའི་ཤེས་རིག་ལག་ཆ་ནུས་པ་དང་བསྡུར་ན་ཧ་ཅང་ཚད་ཅིག་རེད།ང་ཚོས་ཅི་ཐུབ་པ་ནི་རིང་ལུགས་དེ་ཚོས་བསྐྱེད་པའི་ལག་ཆ་དག་རྙེད་ཐབས་ལ་རོགས་པ་བྱེད་པ་དེ་རེད།རིང་ལུགས་དེ་ཚོ་ད་ལྟ་ལོབ་གྲྭར་མི་སློབ།སློབ་གསོ་ནི་གཙོ་བོ་ལས་ཀ་བྱེད་མཁན་གྲ་སྒྲིག་བྱེད་པ་ལ་དམིགས།

འོན་ཀྱང་མི་ཞིག་ཡིན་པའི་ཆ་ནས།མིའི་རིང་ལུགས་རང་གི་སློབ་སྦྱོང་ལས་རིམ་གྱི་ཆ་ཤས་ཤིག་དུ་གྱུར་དགོས།རིང་ལུགས་དེ་ཚོ་ལོབ་གྲྭ་དང་སློབ་གསོར་སྒྲིག་འཛུགས་དེ་ཡོད་དགོས།དེ་སྐབས་གང་ཟག་ཚོས་རང་བྱུང་དུ་མངོན་སུམ་བྱེད་ཐུབ།ད་ལྟའི་ནོར་འཁྲུལ་ལྟ་བུར་གནོན་འདེད་བྱེད་མི་དགོས།ནང་གསེས་རིང་ལུགས་བསྐྱེད་པས།དེ་དག་དངོས་སུ་མངོན་སུམ་བྱེད་ཐུབ།ཕན་ཐོགས་ཙམ་ལ་དམིགས་པའི་སློབ་གསོའི་མ་ལག་གིས་འདམ་འདེད་བྱེད་མི་དགོས།
བློ་བཟང་ཀུན་བཟང་།
༢༠༢༥ ཕྱི་ལོའི་ཟླ་བ་དགུ་པའི་ཚེས་༢༨། དྷ་རམ་ས་ལ། རྒྱ་གར།