གལ་ཏེ་བདག་གི་བདེ་སྐྱིད་འདོད་ན་འཛམ་གླིང་འདི་བདག་སྐྱོང་བྱོས།
གལ་ཏེ་གཞན་གྱི་བདེ་སྐྱིད་འདོད་ན་ཡང་འཛམ་གླིང་འདི་བདག་སྐྱོང་བྱོས།

ཚན་རིག་པ་འགའ་ཤས་ཀྱི་བཤད་པ་ལྟར་ན། གལ་ཏེ་ང་ཚོས་འཛམ་གླིང་འདི་ལ་ད་ལྟ་བཞིན་བྱས་ན་ལོ་དྲུག་ཅུའི་རྗེས་སུ་ས་གཞི་འདི་ཕན་མེད་དུ་འགྱུར། དཔེར་ན། རྫས་རྙིང་ཀར་བོན་བེད་སྤྱོད་ཀྱིས་”སླར་གསོའི”ལས་རིམ་ལྟ་བུའི་ཐབས་ལམ་ཡོད་ཀྱང་འཛམ་གླིང་གི་རྒྱལ་ཁབ་ཆེ་ཁག་གིས་ལག་ལེན་མ་བསྟར། འོན་ཀྱང་མི་དམངས་ཀྱི་སྐད་ཆ་དེ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་སྐད་ཆ་ལས་ཤུགས་ཆེ་བ་ཡོད། མཐར་གང་ལྟར་ས་ཆ་གང་ཡིན་རུང་དེའི་གནས་སྟངས་ང་ཚོ་ལ་རག་ལས་ཡོད་པ་ལས་དེའི་འགོ་ཁྲིད་པ་སུ་ཡིན་མིན་ལ་མ་ལྟོས།
འདི་ནི་ངའི་བོད་པའི་ཆོས་ལུགས་ནང་པའི་ཆོས་གྲོགས་རྣམས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་རྗེས་འབྲང་བ་རྣམས་ལ་ཤིན་ཏུ་གལ་ཆེ། ༧གོང་ས་མཆོག་གིས་ས་གཞི་འདི་བདག་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་སྐོར་ཐེངས་ག་ཚོད་གསུངས་སོང་ངམ། འོན་ཀྱང་ཁོང་གི་བཀའ་ལ་ཉན་ནས་མགོ་ལྡེམ་པ་ཙམ་ལས་ང་ཚོའི་ནང་ནས་ག་ཚོད་ཀྱིས་དོན་དངོས་སུ་བྱ་བ་འདི་ལ་བརྩོན་ལེན་བྱེད་ཀྱི་ཡོད་དམ།
གལ་ཏེ་ང་ཚོས་དངོས་གནས་དང་དྲང་གནས་འཇིག་རྟེན་ཆོས་བརྒྱད་དང་བྲལ་བའི་ཉམས་ལེན་བྱེད་ཐབས་ཤེས་བྱེད་འདོད་ན། འཛམ་གླིང་གི་བདེ་ཐབས་དང་། ཁོར་ཡུག་སྲུང་སྐྱོབ། གནམ་གཤིས་ཉེན་ཁའི་ཁ་གཏད་ལ་འབད་རྩོལ་ལས་ལྷག་པའི་ཉམས་ལེན་མེད། འདི་ནི་ཤིན་ཏུ་གལ་ཆེ། འདི་ནི་༧གོང་ས་མཆོག་གི་དགོངས་པ་ལྟར་རིག་པ་གོང་འཕེལ་གཏོང་བ་དང་། སྙིང་རྗེ་སྐུལ་སློང་བྱེད་པ། ཆོས་ལུགས་མཐུན་སྒྲིལ་དང་འཛམ་གླིང་ཞི་བདེ་སྐུལ་འདེད་གཏོང་བ་ཙམ་མིན། འདི་དག་ཚང་མ་གལ་ཆེན་ཡིན་ཡང་། ཁོར་ཡུག་སྲུང་སྐྱོབ་དང་གནམ་གཤིས་ཉེན་ཁའི་གནད་དོན་ནི་ང་ཚོས་སྣང་མེད་དུ་འཇོག་པ་མང་ཤོས་ཡིན་པ་དང་། དངོས་སུ་ན་གནས་སྟངས་ཀྱི་འཕྲལ་གྱི་དགོས་མཁོ་ལ་གཞིགས་ན་དེ་ནི་ང་ཚོས་གཙོ་བོར་འཛིན་དགོས་པ་ཞིག་ཡིན།

རྩིས་རྒྱག་གསལ་པོ་ཡོད། གནམ་གཤིས་འགྱུར་ལྡོག་གི་རྒྱབ་ཀྱི་ཚན་རིག་གི་གནས་སྡུད་ལ་རྩོད་པ་བྱེད་ས་མེད། གལ་ཏེ་ང་ཚོས་ད་ལྟའི་ལམ་དུ་མུ་མཐུད་ན་འཛམ་གླིང་འདི་རིམ་གྱིས་མི་གནས་ཐུབ་པ་ཞིག་ཏུ་འགྱུར་ངེས། གནས་སྡུད་ཀྱིས་བསྟན་པ་ལྟར་ན། ལྗང་ཁང་རླངས་གཟུགས་འབུད་འདོན་གྱི་འཕེལ་རྒྱས་ཀྱིས་འཛམ་གླིང་དྲོད་ཚད་འཕར་བ་དང་། གལ་ཏེ་འདི་མུ་མཐུད་ན་ང་ཚོར་ཐོན་ཁུངས་དཀོན་པོ། གནམ་གཤིས་ཚབས་ཆེ་བའི་དོན་རྐྱེན། དང་ཕྱིར་ལོག་མི་ཐུབ་པའི་ཁོར་ཡུག་གི་གནོད་འཚེ་འཕྲད་ངེས། སྔོན་དཔག་གིས་བསྟན་པ་ལྟར་ན། ལོ་དྲུག་ཅུའི་ནང་ངམ་དེ་ལས་སྔ་བར་ས་གཞི་འདི་ལ་ཚབས་ཆེན་གྱི་གནོད་སྐྱོན་འབྱུང་སྲིད། འདི་དག་ནི་རྣམ་གཞག་མིན་པར་ཚན་རིག་གི་དཔང་རྟགས་ཀྱིས་རྒྱབ་སྐྱོར་བྱས་པའི་དངོས་དོན་ཡིན། དེའི་ཕྱིར་འཕྲལ་དུ་བྱ་སྤྱོད་ལེན་རྒྱུ་དེ་ཛ་དྲག་ཡིན།
ང་ཚོས་ཐོག་མར་གང་ཡང་གློ་བུར་དུ་བྱེད་མི་དགོས་པར། ང་ཚོས་ཟ་བའི་ཟས་རིགས་དང་། དེ་དག་གང་ནས་ཡོང་བ། ང་ཚོས་གྱོན་པའི་གོས་ཆས་དང་། ང་ཚོའི་ཉི་མ་རེ་རེ་ཉོ་རྒྱུ་གང་ཡིན་པ་དེ་དག་གི་རྒྱུ་ཆ་གང་ནས་ཡོང་བ་སོགས་དབྱེ་ཞིབ་བྱེད་ཐབས་བྱེད་པ་ཙམ་ཡིན། འདི་ནི་ང་ཚོས་ཟ་བའམ་གྱོན་པའི་སྐོར་ལ་སྐྱོན་བརྗོད་བྱེད་པའམ་བསམ་ཚུལ་སྣ་ཚོགས་བཤད་པ་མིན་ལ། རྒྱས་སྤྲོས་ཀྱང་མིན། འདི་ནི་ང་ཚོའི་བདེ་ཐབས་དང་གཞན་གྱི་བདེ་ཐབས་ལ་འགན་ཁུར་ལེན་པའི་འདུ་ཤེས་བསྐྱེད་པ་ཡིན་ཏེ། གང་ཡིན་ཟེར་ན། གཞན་དང་ང་ཚོའི་འབྲེལ་བ་ནི་ང་ཚོས་ཟ་བའི་ཟས་དང་གྱོན་པའི་གོས་དང་ཆ་ལག་ཉོ་ནས་ཡང་འགོ་རྩོམ།
ཁྱེད་ཀྱིས་དེའི་སྐོར་ཞིབ་ཕྲ་བསམ་བློ་ཐོངས། ད་ལྟའི་གནམ་གཤིས་ཀྱི་གནས་སྟངས་དང་མི་རིགས་ཀྱིས་བཟོས་པའི་གནོད་འཚེ་ལ་བལྟས་ན། ང་ཚོས་ཉམས་ལེན་འདི་སྣང་མེད་དུ་བཞག་ནས་ཉམས་ལེན་གཞན་ལ་དོ་སྣང་བྱས་ན་འགྲིག་གམ།
ངའི་ཚོར་སྣང་ལ་ང་ཚོས་གཏིང་ཟབ་ཅིང་རྒྱ་ཆེ་བའི་ཉམས་ལེན་ཚང་མའི་ནང་འཇུག་ཐུབ་ཀྱང་། ད་ལྟའི་གནས་སྟངས་ནང་ཁོར་ཡུག་གི་ཆེད་དུ་བྱ་སྤྱོད་ལེན་རྒྱུར་མ་བསམ་ན་ཉམས་ལེན་གཞན་ཚང་མ་དོན་མེད་དུ་འགྱུར་བ་ལྟ་བུ་རེད། དེ་ནི་གང་ཡིན་ཟེར་ན། ང་ཚོས་མ་མཐོང་ཡང་། ང་ཚོས་འབྲེལ་བ་མ་བྱས་པ་དེར་ང་ཚོར་འགན་ཡོད།
ཁྱེད་ཚོས་རང་ཉིད་ཉེས་མེད་ཡིན་པར་ཡིད་ཆེས་སྲིད།
འོན་ཀྱང་ཁྱེད་ཚོ་ད་དུང་དེའི་ནང་འབྲེལ་བ་ཡོད།
FabrizioDe Andreའི་ཟླ་བ་ལྔ་པའི་གླུ་བཞེས། ( from the song of May of Fabrizio De André)
(མཆན། དབྱིན་ཇི་གོ་ཐུབ་མཁན་ཚོའི་ཆེད་དུ། འོག་ཏུ་ཧ་ཅང་གལ་ཆེ་བའི་དངོས་བྱུང་གློག་བརྙན་ཞིག་བལྟ་རྒྱུ་ཡོད།)